当前位置: 首页 > 新闻中心 > 法院新闻
桑珠孜区人民法院民事审判庭司法为民再获锦旗
  发布时间:2020-11-12 11:20:43 打印 字号: | |

近日,原告贾某将一面绣有“惩恶扬善法律卫士,廉洁奉公人民公仆”十六字的锦旗送到了桑珠孜区人民法院民事审判庭,以表达感激之情。

ཉེ་དུས། བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཐིང་ལ་ཞུ་གཏུག་མཁན་ཅའ་ག་གེ་མོས་“ངན་གཅོད་དགེ་སྒྲུབ་བཅའ་ཁྲིམས་སྲུང་དམག་དང་། སྤྱོད་གཙང་སྤྱི་གཞོལ་མི་དམངས་སྤྱི་ཞབས་པ།”ཞེས་བྲིས་པའི་གཟི་བརྗིད་དར་དམར་ཞིག་བསྐྱལ་ནས་རང་གི་ཐུགས་རྗེའི་བསམ་པ་མཚོན་པར་བྱས་ཡོད། 

【借款不还 诉诸法院】2017年11月15日和26日,被告赵某先后两次从原告贾某处借款30 000元用于做生意,2017年12月被告赵某还款3 000元,余款27 000元至今未付,原告无奈,遂诉至法院请求公正判决。

བུ་ལོན་གཡར་ནས་མ་སྤྲད་ན། ཁྲིམས་ལ་སྦྱར་རྒྱུ་གཏན་འཁེལ་ཡིན། དེ་ཡང་སྤྱི་ལོ་2017ལོའི་ཟླ་བ་11ཚེས་15དང་ཚེས་26ཉིན།ཞུ་གཏུག་ཕོག་མཁན་ཀྲའོ་ག་གེ་མོས་ཚོང་རྒྱབ་ཆེད་དུ་ཞུ་གཏུག་མཁན་ཅའ་ག་གེ་མོའི་ལག་ནས་སྔ་རྗེས་སུ་ཁྱོན་བསྡོམས་སྒོར་30000གཡར། སྤྱི་ལོ་2017ལོའི་ཟླ་བ་12པར་ཞུ་གཏུག་ཕོག་མཁན་ཀྲའོ་ག་གེ་མོས་སྒོར་3000འཇལ་སྤྲོད་བྱས་ཤིང་ལྷག་མའི་སྒོར་27000དེ་ད་བར་སྤྲད་མེད་པས་ཅའ་ག་གེ་མོས་ཐེངས་མང་འཚལ་ནས་དངུལ་བུན་སྤྲོད་རྒྱུའི་རེ་བ་བཏོན་ཡང་ཀྲའོ་ཡིས་ཅའ་ཡི་སྐད་ཆ་རྣམས་རྣ་རྒྱབ་རླུང་བུར་རྩིས་ནས་དངུལ་སྐར་གཅིག་ཀྱང་སྤྲད་མེད་རྐྱེན། ཅའ་འུ་ཐུག་ཐབས་ཟད་ཆགས་ནས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱབ།

【耐心释法 偿还借款】裁判文书生效后,被告迟迟不履行法律所确定的义务,原告遂申请强制执行,为保障当事人合法权益,承办法官多次约被告,对其析法明理,阐述法律利害关系,最终,被告一次性向原告付清了全部借款,此案圆满解决。

ཞིབ་གསལ་ནན་གསུམ་གྱི་སྒོ་ནས་ཁྲིམས་འགྲེལ་བྱས་པས་རང་འགུལ་ངང་དངུལ་བུན་འཇལ། ཁྲིམས་གཅོད་ཡིག་ཆར་ནུས་པ་ཐོན་རྗེས། ཞུ་གཏུག་ཕོག་མཁན་གྱིས་ཡིག་ཆའི་ནང་གཏན་ལ་ཕབ་པའི་འོས་འགན་དུས་ཐོག་ཏུ་སྒྲུབ་མེད་པས་ཞུ་གཏུག་མཁན་མི་དམངས་ཁྲིམས་ཁང་ལ་བཙན་ཤེས་ལག་བསྟར་བྱེད་རྒྱུའི་རེ་ཞུ་བྱས། དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་ཆེད་ཁྲིམས་དཔོན་མཆོག་ནས་ཞུ་གཏུག་ཕོག་མཁན་ཀྲའོ་ག་གེ་མོ་ལ་འབྲེལ་གཏུག་ཐེངས་མང་བྱས་ནས་ཞིབ་གསལ་ནན་གསུམ་གྱི་སྒོ་ནས་ཁྲིམས་ལུགས་གསལ་བཤད་དང་བདེན་རྫུན་གནས་ལུགས་དྲངས་པས་མཐར་ཞུ་གཏུག་ཕོག་མཁན་གྱི་ཁེ་གྱོང་གི་འབྲེལ་བ་ཤེས་རྟོགས་བྱུང་རྗེས་སྤྲོད་ཐེངས་གཅིག་ལ་དངུལ་བུན་ཆ་ཚང་འཇལ་སྤྲོད་བྱས་པས་གྱོད་དོན་དེ་བདེ་བླག་ངང་ཐག་གཅོད་ཐུབ་པ་བྱུང་ཡོད།

【真情感谢 司法为民】“我一定要感谢法院,感谢法官,真的谢谢!”原告贾某用颤抖的双手递来鲜红的锦旗,不停地这样说到。望着鲜红的锦旗,回想到无数当事人如贾某般激动感激,承办法官感到所有付出的努力都是值得的。

དམངས་ཆེད་ཁྲིམས་འཛིན་བྱ་གཞག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཞུ་གཏུག་མཁན་ཅའ་ག་གེ་མོས་གུས་བཀུར་ཆེན་པོའི་ངང་ནས་དམར་མདངས་བཀྲ་བའི་གཟི་བརྗིད་དར་དམར་ཞིག་འཁྱེར་ནས་བཤད་དོན། “ངས་ངེས་པར་དུ་ཁྲིམས་ཁང་དང་ཁྲིམས་དཔོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོ་མ་བཀའ་དྲིན་ཆེ།”ཞེས་ཡང་ཡང་བརྗོད་ཀྱིན་དར་དམར་དེ་ཁྲིམས་དཔོན་གྱི་ལག་ཏུ་འཕུལ། འདས་ཟིན་པར་དྲན་གསོ་ཞིག་བྱས་ན། དོ་བདག་མང་པོ་ཅའ་ག་གེ་མོ་དང་འདྲ་བར་སེམས་འགུལ་ཚད་མེད་ཐེབས་བཞིན་ཐུགས་རྗེ་ཆེ་ཞུ་བ་དེ་ཝ་ལེར་དྲན་ནས་ཁྲིམས་དཔོན་གྱི་སེམས་སུ་དཀའ་ལས་བརྒྱབ་པ་ཚང་མ་བརྒྱབ་རིན་ཆོག་པ་ཚོར།

司法为民、公正司法是桑珠孜区人民法院工作宗旨,是桑珠孜区人民法院每一位法官和干警的行为准则,鲜红的锦旗不仅是对法院工作的肯定和赞扬,更是鼓励和鞭策。下一步,我们将继续认真落实各项司法为民举措,减轻当事人诉累,提高司法效率,忠诚尽职履职,努力让人民群众在每一个司法案件中感受到公平正义。

ཁྲིམས་འཛིན་དམངས་ཆེད་དང་ཁྲིམས་འཛིན་གཞུང་དྲང་ནི་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་ལས་ཀའི་དམིགས་ཡུལ་ཉག་ཅིག་ཡིན་ལ་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དང་ལས་བྱེད་ཉེན་རྟོག་པ་ཚང་མའི་བྱ་སྤྱོད་ཀྱི་གཞི་འཛིན་ས་ཞིག་ཀྱང་ཡིན། དམར་མདངས་བཀྲ་བའི་གཟི་བརྗིད་དར་དམར་དེ་ལྟ་བུ་ནི་ངེད་ཁྲིམས་ཁང་གི་ལས་ཀར་ཁས་ལེན་དང་བསྔགས་བརྗོད་བྱས་པ་ཞིག་ཡིན་པ་མ་ཟད་དེ་བས་སྐུལ་ལྕག་བྱས་པ་ཞིག་ཀྱང་ཡིན། གོམ་སྟབས་རྗེས་མར། ང་ཚོས་མུ་མཐུད་དམངས་ཆེད་ཁྲིམས་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་དོ་བདག་གི་གཏུག་བཤེར་དཀའ་ངལ་ཡང་དུ་བཏང་ནས་ཁྲིམས་འཛིན་ལས་ཕྱོད་མཐོ་རུ་བཏང་བ་དང་བློ་གཅིག་སེམས་གཅིག་གི་རང་འགན་ཧུར་ཐག་བསྒྲུབ་སྟེ་ཁྲིམས་འཛིན་བྱེད་པའི་གྱོད་གཞི་ཚང་མ་དྲང་གཞག་དྲང་བདེན་ཡིན་པ་མི་དམངས་མང་ཚོགས་ཀྱིས་ཚོར་གང་ཐུབ་བྱེད་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན།


 
责任编辑:次仁央宗

友情链接

最高人民法院

中国法院网

西藏自治区高级人民法院

日喀则市中级人民法院