当前位置: 首页 > 新闻中心 > 法院新闻
【判了!深夜醉酒起歹意 强奸未遂被判刑】桑珠孜区人民法院在东嘎人民法庭对被告人落某某犯强奸罪一案进行公开宣判
  发布时间:2020-07-24 16:48:44 打印 字号: | |

ཉེ་དུས་སུ་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་གདོང་དཀར་མི་དམངས་ཁྲིམས་སར་ཞུ་གཏུག་འཁེལ་མི་བློ་ག་གེ་མོས་བཙན་གཡེམ་བྱས་པའི་(ཉེས་དམིགས་མ་གྲུབ་པ་)གྱོད་གཞིར་མངོན་གསལ་ངང་དཔྱད་ཁྲ་ཡོངས་བསྒྲགས་བྱས།

近日,桑珠孜区人民法院在东嘎人民法庭对被告人落某某犯强奸罪一案进行公开宣判。经法院宣判,被告人落某某因犯强奸罪(未遂),被判处有期徒刑一年二个月。  

གྱོད་གཞིའི་གནས་ཚུལ་ཞིབ་ཕྲ། སྤྱི་ལོ་2020ལོའི་ཟླ་བ་4པའི་ཚེས་29ཉིན་གྱི་ཐོ་རེངས་ཆུ་ཚོད་1པོའི་གཡས་གཡོན་དུ་ཞུ་གཏུག་འཁེལ་མི་བློ་ག་གེ་མོ་དང་ཁོ་པའི་གྲོགས་པོ་མཉམ་དུ་རང་གྲོང་ཁོངས་སུ་གནས་པའི་བོད་ཟས་ཞིག་ནང་ཆང་རག་འཐུང་རྗེས་ཞུ་གཏུག་འཁེལ་མི་བློ་ག་གེ་མོ་རང་གྲོང་ཁྱེར་སྤྱི་ཤག་ག་གེའི་སྒོ་རའི་ནང་བོགས་གཡར་བྱས་པའི་སྡོད་གནས་སུ་ཕྱིར་ལོག་བྱེད་སྐབས་སྤྱི་ཤག་འདིའི་ཞག་སྡོད་ཐོག་ཆེན་གྱི་སྒོ་འགྲམ་དུ་གྲོགས་པོ་སྐྱེལ་བཞིན་པའི་གནོད་འཚེ་ཕོག་མི་ལྦང་ག་གེ་མོ་(འགྱུར་མིང་)མཐོང། དེ་རྗེས་ཞུ་གཏུག་འཁེལ་མི་བློ་ག་གེ་མོས་ལྦང་ག་གེ་མོ་གཅིག་རྐྱང་སྤྱི་ཤག་འདིའི་སྡོད་གནས་སུ་ལོག་འགྲོ་བ་མཐོང་འཕྲལ་ཁོ་པས་ལམ་སེང་རྗེས་འདེད་བཏང་། དེ་མུར་ཞུ་གཏུག་འཁེལ་མི་བློ་ག་གེ་མོས་སྤྱི་ཤག་འདིའི་ཐོག་ཁང་ཤར་མའི་ཐོག་བརྩེགས་གསུམ་པ་ནས་བཞི་ཐོག་ལ་འགྲོ་བའི་ཐེམ་སྐས་ཀྱི་བར་འཁྱམས་སུ་གནོད་འཚེ་ཕོག་མི་ལྦང་ག་གེ་མོའི་སྐེད་པ་ནས་བཟུང་ཤིང་ས་ངོས་སུ་མནན་པ་དང་ཆབས་ཅིག་ཁོ་མོའི་སྐེ་རགས་ཕྱེད་ཙམ་བཀྲོལ་ཏེ་ཕོ་མོའི་ལུས་འབྲེལ་བྱེད་རྩིས་བྱས། དེའི་དུས་གནོད་འཚེ་ཕོག་མིས་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་ངོ་རྒོལ་བྱས་པ་མ་ཟད། སྲོག་སྐྱབས་རོགས་ཅེས་པའི་རེ་འབོད་རྒྱུན་ཆད་མེད་པར་རྒྱབ་རྐྱེན་ཀྲེང་ག་གེ་མོས་ཐོས་རྗེས་ཕྱིར་ཐོན་ཏེ་གནས་ཚུལ་གང་འདྲ་ལྷག་མིན་བལྟ་ཞིབ་བྱེད་པར་ཡོང་བས་ཞུ་གཏུག་འཁེལ་མི་བློ་ག་གེ་མོས་དེ་མུར་གནོད་འཚེ་ཕོག་མི་ལྦང་ག་གེ་མོའི་ལུས་ཐོག་ནས་ཡར་ལངས་ཏེ་ས་ཡུལ་དངོས་ལས་བྲོལ་བྱོལ་བྱས།

基本案情

2020年4月29日凌晨1时许,被告人落某某与朋友饮酒后,在返回公寓内住处时,看见被害人王某(化名)送完朋友独自一人返回公寓住处,遂尾随被害人王某至该公寓楼三层至四层过道处,从正面抱住被害人的腰部并将其摁倒在地,企图强行发生性行为,因被害人王某奋力反抗并不断呼救,租户郑某出来查看情况,被告人落某某才仓惶逃离现场。

བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་རྗེས་ངོས་འཛིན་ལ། ཞུ་གཏུག་འཁེལ་མི་བློ་ག་གེ་མོས་ལྦང་ག་གེ་མོའི་འདོད་བློ་ལས་འགལ་ཏེ་བཙན་ཤེད་ཀྱིས་ཕོ་མོའི་ལུས་འབྲེལ་བྱེད་རྩིས་བྱས། ཡིན་ཀྱང་བསམ་ཡུལ་ལས་འདས་པའི་རྒྱུ་རྐྱེན་གྱི་ཉེས་པ་ལེགས་གྲུབ་མ་བྱུང་བས་བཙན་གཡེམ་གྱོད་གཞིའི་(ཉེས་དམིགས་མ་གྲུབ་པའི་)ཁོངས་སུ་གཏོགས། ཁོ་པར་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་ཆོག དུས་མཚུངས་གྱོད་གཞིའི་ཉེས་བསགས་བྱུང་རིམ་དང་མཇུག་འབྲས་སོགས་ཕྱོགས་གང་ཅིའི་ཐད་བསམ་གཞིགས་བྱས་པ་བརྒྱུད་ཞུ་གཏུག་འཁེལ་མི་བློ་ག་གེ་མོར་དུས་བཙོན་ལོ་གཅིག་དང་ཟླ་བ་2ཀྱི་དཔྱད་མཚམས་དཔྱད་ཡོད། 

经桑珠孜区人民法院审理认为,被告人落某某违背妇女意志,强行意欲与妇女发生性行为,由于意志以外的原因而未得逞,其行为属于强奸罪未遂,已构成强奸罪,依法应予惩处。综合考虑被告人落某某犯罪情节和犯罪结果,故判处被告人落某某有期徒刑一年二个月。

ཁྲིམས་ལུགས་ཀྱི་མྱུར་སྐྱེལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས་དོན་ཚན་236གི་གཏན་འབེབས་ལ། བུད་མེད་ཀྱི་འདོད་བློ་ལས་འགལ་ཏེ་དྲག་ཤུགས་དང་འཇིགས་སྐུལ་ལམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་བཙན་ཤེད་ཀྱིས་བུད་མེད་དང་ཕོ་མོའི་ལུས་འབྲེལ་བྱས་པའམ་ཡང་ན་ལོ་ན་14མ་སོན་པའི་ལོ་ཆུང་བུ་མོ་དང་རྐང་བཙུགས་ནས་ཕོ་མོའི་ལུས་འབྲེལ་བྱས་རིགས་ལ་བཙན་གཡེམ་གྱོད་གཞི་ཞེས་ཟེར། 

法律速递

根据《中华人民共和国刑法》第二百三十六条规定,强奸罪是指违背妇女意志,使用暴力、胁迫或者其他手段,强行与妇女发生性交的行为,或者故意与不满14周岁的幼女发生性关系的行为。

ཁྲིམས་དཔོན་གྱི་དྲན་སྐུལ།  བུད་མེད་ཀྱིས་གང་འདྲ་བྱས་ཏེ་ཆགས་སྲེད་བཙན་གནོད་ལ་སྔོན་འགོག་བྱ་དགོས།  

གཅིག་ནི་བུད་མེད་ཀྱི་རེ་ངན་བཅངས་པའི་སྐྱེས་པར་གོ་སྐབས་མི་སྤྲོད་པ་དང་མཚན་གུང་ལ་ཕྱི་ལོག་དུ་རྩེད་མོ་རྩེད་བཞིན་ཁྱིམ་དུ་མི་ལོག་པའི་གོམས་གཤིས་ངན་པ་སྤངས་དགོས་ལ་ཆ་རྒྱུད་མེད་པའི་སྐྱེས་པ་དང་མཉམ་དུ་ཆང་རག་འཐུང་ནས་ར་བཟི་མི་རུང་། རང་ངོས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས།   

གཉིས་ནི་བཙན་གཡེམ་གྱོད་གཞི་ཐོན་ཆེ་ཤོས་ཀྱི་ནམ་དུས་ནི་སྤྱིར་བཏང་ངོས་ནས་བཤད་ན་དབྱར་ཁའི་མཚན་མོ་ཡིན་རྐྱེན་བུད་མེད་ཚོས་ཕྱིར་མངོན་ཆེ་བའི་གྱོན་གོས་གྱོན་ཏེ་རང་ཉིད་གཅིག་པོར་ཕྱིར་ཐོན་པའམ་མི་ཉུང་སའི་ས་ཆར་འགྲོ་བ་སོགས་བྱེད་མི་རུང་།

གསུམ་ནི་གལ་སྲིད་རང་ཉིད་ལ་ཐུག་པའི་མི་ངན་གྱིས་རྒྱུ་ནོར་འཕྲོག་བཅོམ་ཁོ་ན་བྱེད་བསམ་པ་ཡིན་ཚེ་རང་ཉིད་ལ་འགོག་སྲུང་བྱེད་པའི་ནུས་པ་མེད་པའི་སྐབས་རང་ལུས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་ནས་གང་ཐུབ་ཀྱི་ཕ་རོལ་ལ་ལུས་ཐོག་གི་དངུལ་དང་རྒྱུ་ནོར་སྤྲོད་པ་ལས་རང་ཉིད་ཀྱི་ལུས་པོར་ཐུག་ཙམ་ཡང་བྱེད་དུ་མི་འཇུག

བཞི་ནི་སྐྱུག་པ་དང་སྐྱག་གཅིན་ཤོར་ཁུལ་བྱས་ཏེ་མི་ངན་ལ་སྐྱུག་བྲོ་བའི་ཚོར་སྣང་སྐྱེས་སུ་བཅུག་ནས་བཙན་གཡེམ་གྱི་བསམ་ཚུལ་དོར་དུ་བཅུག་དགོས།

ལྔ་ནི་གལ་ཏེ་བུད་མེད་ལ་སྟབས་མ་ལེགས་པའི་རྐྱེན་ངན་འཕྲད་ཚེ་དུས་ཐོག་ཏུ་གྱོད་དོན་སྙན་གསེང་ཞུ་བ་དང་ལུས་པོ་མི་འཁྲུ་བ།རང་ཉིད་ཀྱི་ནང་འཇམ་སོགས་ལུས་འབྱར་གྱོན་གོས་མི་བསྐྱུར་བར་ཉར་ཚགས་བྱ་དགོས། དེ་དག་ནི་ཧ་ཅང་གལ་འགངས་ཆེ་བའི་ནག་ཉེས་གཏན་འཁེལ་གྱི་དཔང་རྟགས་ཡིན།

法官提醒女性应该如何预防性侵?

    一是女性不要给有企图之人以机会,尽量不要在外玩乐到深夜不回家,更不要与男性一起喝酒到酩酊大醉,保护好自己人身安全;

    二是强奸发生最高频率时间一般是夏天的晚上,女性尽量不要穿着暴露单独外出或出现在人流较少的地方;

    三是如果碰见歹徒只是想劫财,在无力反抗的情况下,保护自身人身安全为首要,尽量将钱物掏给对方,不要让对方接触自己的身体;

    四是可以假装呕吐、大小便失禁,让歹徒产生恶心的感觉而放弃强奸念头;

    五是万一遭遇不幸,要赶紧报警,不要洗澡,不要丢弃自己的内衣内裤,这些都是非常重要的定罪证据。


 
责任编辑:次仁央宗

友情链接

最高人民法院

中国法院网

西藏自治区高级人民法院

日喀则市中级人民法院