སྔར་ལས་ལྷག་པའི་སྒོ་ནས་ཉེས་དོན་འདྲི་གཅོད་ཀྱི་སྤུས་ཚད་གོང་ཐོར་གཏོང་བ་དང་ཁྲིམས་འཛིན་ཐོན་ཁུངས་གྲོན་ཆུང་ནུས་ལྡན་ཡོང་བ་བྱ་ཆེད།བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་གདོང་དཀར་མི་དམངས་ཁྲིམས་རས་ཟླ་བ་5པའི་ཚེས་12ཉིན།ཡོངས་གྲགས་བྱས་ནས་ཁྲིམས་ར་ཚོགས་ཏེ་གྱོད་ཡ་འཆི་ག་གེ་མོ།དབང་ག་གེ་མོ་སོགས་བཞི་ཡིས་ཁྲིམས་མཐུན་མིན་པར་རྩ་ཆེའི་རི་དྭགས་བསད་བཟུང་བྱས་པའི་ཉེས་པ་དང་མིག་ག་གེ་མོ་ཡིས་ཁྲིམས་མཐུན་མིན་པར་རྩ་ཆེའི་རི་དྭགས་ཉོ་ཚོང་བྱས་པའི་ཉེས་པ་བསགས་པའི་གྱོད་དོན་གཉིས་ལ་ཞིབ་གཅོད་བྱས།གྱོད་དོན་འདི་གཉིས་ནི་བསམ་གྲུབ་རྩེ་ཆུས་ཁོངས་གཏོགས་སུ་བྱུང་བའི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གྱི་གཏུག་བཤེར་གྱོད་གཞི་ཐོག་མ་དེ་ཡིན།གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་སློབ་སྦྱོང་དང་ཁྱབ་གདལ་གཏོང་བ།ཉེས་གསོག་གཏན་འགོག་དང་མི་དམངས་མང་ཚོགས་ལ་གོ་བདེ་བའི་ཁྲིམས་ལུགས་སློབ་གསོ་ཡོངས་བའི་ནུས་པ་གང་ལེགས་ཐོན་ཆེད་མི་དམངས་ཁྲིམས་རོགས་པ་གྱོད་གཞི་དེའི་མཉམ་གྲོས་ཁྲིམས་སར་གདན་ཞུས་བྱས་ཡོད།གཞན་ཡང་ངེད་ཁྲིམས་ཁང་གི་ཤང་མི་དམངས་ཁྲིམས་རའི་ཁྱད་ཆོས་དང་ནུས་པ་འདོན་སྤེལ་གང་ལེགས་ཀྱི་མང་ཚོགས་ལ་ཁྲིམས་འཛིན་ཞབས་འདེགས་གང་ལེགས་ཞུ་ཆེད་གདོང་དཀར་ཤང་ཏང་ཨུད་དང་སྲིད་གཞུང་ལ་འབྲེལ་གཏུག་བྱས་ཏེ་ཤང་ཁོངས་ལས་བྱེད་ལས་བཟོ་དང་གྲོང་ཚོའི་མང་ཚོགས་མི་གྲངས་10ལྷག་ཙམ་ཟུར་ཉན་ལ་གདན་ཞུས་བྱས་ཡོད།
为更好地提高刑事审判工作质效,有效节约司法资源,推进“谁执法谁普法”普法责任制工作引向深入,5月12日,桑珠孜区人民法院东嘎人民法庭公开开庭审理被告人其某、旺某等4人涉嫌非法杀害、猎捕珍贵、濒危野生动物罪案和被告人米某涉嫌非法出售珍贵、濒危野生动物罪案,这两起案件为桑珠孜区人民法院受理的首例刑事附带民事公益诉讼案件。案件邀请人民陪审员参加合议庭,同时为达到以案释法,以案普法,震慑犯罪,教育群众的作用,桑珠孜区人民法院充分发挥和完善乡镇人民法庭点线面结合司法服务网络无缝衔接体系,打通服务群众“最后一公里”, 经与东嘎乡党委、政府积极沟通,邀请了辖区干部职工和村民群众10余人参与旁听。
གྱོད་གཞིའི་གནས་ཚུལ་ཞིབ་ཕྲ།
སྤྱི་ལོ་2019ལོའི་ཟླ་བ་1པོའི་ཟླ་དཀྱིལ་ཙམ་ལ་གྱོད་ཡ་འཆི་ག་གེ་མོ་དང་བསོད་ག་གེ་མོ་གཉིས་ཀྱི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་ཁོངས་ཀྱི་ཇོ་མོ་རིའི་སྟེང་དུ་གླ་བ་ཞིག་ཡོད་པ་མཐོང་བས་ཁོ་གཉིས་པོས་གླ་བ་དེ་བསད་ནས་གཞན་ལ་གཙོང་རྒྱུའི་ལྐོག་གཡོ་བཤམས།ཉིན་གཉིས་པར་གྱོད་ཡ་བསོད་ག་གེ་མོ་དང་འཆི་ག་གེ་མོ་གཉིས་ཀྱི་རྔོན་པ་རྒྱབ་ཆེད་ཡོ་ཆད་རྣམས་འཁྱེར་ནས་གླ་བ་ཡོད་སར་རྔོན་པ་རྒྱབ་རྒྱུའི་གྲ་སྒྲིག་བྱས།སྤྱི་ལོ་2019ལོའི་ཟླ་བ1ཚེས22ཉིན་གྱོད་ཡ་འཆི་ག་གེ་མོས་ཁ་སྔོན་གྱི་རྔོན་པ་རྒྱབ་སར་གླ་བ་ཞིག་ཐེབ་ཡོད་པ་མཐོང་(ཤི་ཟིན་པ།)འོན་ཀྱང་གླ་རྩི་དང་རྔོན་ཆས་གྱོད་ཡ་དབང་ག་གེ་མོ་དང་མིག་ག་གེ་མོ་གཉིས་ཀྱི་འཁྱེར་ཕྱིན་པ་ཤེས་རྗེས་ཕྲལ་མར་གྱོད་ཡ་འཆི་ག་གེ་མོས་གྱོད་ཡ་དབང་ག་གེ་མོ་དང་མིག་ག་གེ་མོ་གཉིས་དང་མཉམ་དུ་གླ་རྩི་ཚོང་རྒྱུའི་གྲོས་ཞིབ་བྱས་པ་དེ་གྱོད་ཡ་བསོད་ག་གེ་མོར་བཤད།དེ་རྗེས་ཁོང་ཚོ་གསུམ་པོ་རི་ལས་མར་འབབ་སྟེ་གྱོད་ཡ་ངག་ག་གེ་མོའི་ཁྱིམ་དུ་ཕྱིན་ནས་གླ་རྩི་དེ་གོང་ཚད་དངུལ་སྒོར་3800བྱས་ནས་ཁོ་པར་གཙོང་།གྱོད་ཡ་བཞི་པོས་བཙོག་དངུལ་བགོ་ཤ་བརྒྱབ་སྟེ་མི་རེར་མི་དམངས་ཤོག་སྒོར་950རེ་ཐོབ།
【基本案情】2019年1月中旬,被告人其某、索某在日喀则市桑珠孜区东嘎乡某村“曲目项”山上,看到一只马麝(俗称獐子),二被告人商量后决定捕猎该马麝并出售。第二天,被告人索某带着一套铁制猎具,同被告人其某在发现马麝的地方布置了猎具。2019年1月22日,被告人其某看到布置猎具点上套有一只马麝(已死亡),但发现该马麝的麝香和猎具已被被告人旺某和米某(另案处理)取走。当日,被告人其某同被告人旺某和米某(另案处理)商议出售麝香事宜,并告知了被告人索某。后三人下山到了被告人阿某家里,以3800元的价格把该麝香卖给了被告人阿某。被告人其某、索某、旺某、米某(另案处理)每人各分得950元人民币。
གྱོད་དོན་འདི་མཉམ་གྲོས་ཁྲིམས་སས་དཔྱད་བསྡུར་བྱས་རྗེས། མི་རིང་བར་ཡོངས་བསྒྲགས་སུ་དཔྱད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ་ཡིན།
案件经合议庭评议后,将择日进行公开宣判。
ཁྲིམས་དཔོན་གྱི་ཁྲིམས་བཤད་པ།
གྱོད་དོན་འདི་གཉིས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨོ་ཡོན་ལྷན་ཁང་གི་《ཕྱོགས་ཡོངས་ནས་ཁྲིམས་འགལ་གྱི་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ་གཏན་འགོག་དང་རི་སྐྱེས་སྲོག་ཆགས་གང་འདོད་དུ་ཟ་བའི་གོམ་གཤིས་ངན་པ་མེད་པར་བཟོ་བ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་རྒྱུའི་བསྐོར་གྱི་གཏན་འབེབས།》ཁྱབ་བསྒྲགས་བྱས་པའི་རྗེས། ངེད་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་ཡོངས་བསྒྲགས་སུ་ཞིབ་དཔྱོད་བྱས་པའི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཆེད་ཐོག་མ་དེ་ཡིན་ཞིང་། དེས་མི་རྣམས་ལ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་དེའི་རིགས་གང་འདོད་དུ་ཟ་བའི་གོམ་གཤིས་ངན་པ་མེད་པར་བཟོ་བའི་དུང་བརྡ་གསར་པ་བཏང་ཡོད།གཞན་ཡང་གླ་རྩི་ནི་《རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་དྭགས་ཀྱི་མིང་ཐོའི་》ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཁོངས་སུ་རྟོགས་པས་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་ད་རེས་ཀྱི་འདྲི་གཅོད་དེ་རྒྱུད་ནས་རང་འགུལ་ངང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་དང་དེའི་རིགས་རྩ་བ་ནས་མི་ཟ་བ་མ་ཟད།རང་བྱུང་ཁམས་དང་འཆམ་འཐུན་མཉམ་གནས་བྱས་ཏེ་ཚང་མས་“དགོས་མཁོ་མེད་ན་ཉོ་ཚོང་མེད་པ་དང་།ཉོ་ཚོང་མེད་ན་སྲོག་གཅོད་མེད་པ།”སྲོག་ཆགས་ནི་མིའི་རིགས་ཀྱི་གྲོགས་པོ་ཡིན་ཤིང་དེར་སྲུང་སྐྱོང་བྱས་པ་ནི་མིའི་རིགས་རང་ཉིད་ལ་སྲུང་སྐྱོང་བྱས་པ་ཡིན་པའི་ངེས་ཤེས་སྐྱེས་ཐུབ་པ་བྱ་དགོས།
【法官说法】
此两起案件系全国人民代表大会常务委员会发布《关于全面禁止非法野生动物交易、革除滥食野生动物陋习、切实保障人民群众生命健康安全的决定》后桑珠孜区人民法院审理的首例刑事附带民事公益诉讼案件,此次的庭审吹响了保护野生动物资源和革除贪吃野味陋习的新号角,马麝属于《国家重点保护野生动物名录》中的国家一级保护野生动物,希望广大市民群众能够通过此次庭审举一反三,自觉爱护野生动物、远离野味,与大自然和谐相处。同时希望大家牢记,没有需求就没有买卖,没有买卖就没有杀害,动物是人类的朋友,保护野生动物就是保护人类自己!